Saturday, June 1, 2013

ཁྱོད་རང་ཉིད་བཅའ་དགོས།
ལྗགས་མདས་བསྒྱུར།
 ལིའུ་ཡེས་སྒྱུར་སྒྲིག་བྱས།
  སོ་ཁི་ར་ཐེ་ལགས་ཀྱིས་རང་གི་དགེ་ཕྲུག་ཚོ་གཞན་གྱི་རྗེས་ཁོ་ནར་འདེད་པ་ལས།རང་རང་ལ་བསམ་པའི་ལངས་ཕྱོགས་ཀྱིས་སྟོངས་པ་ཡིད་ལ་དགོངས་ཏེ།ནམ་ཞིག་ཁོ་ཚོར་སློབ་གསོ་ཞིག་གཏང་དགོས་སྙམ་སོང་།
ཉིན་ཞིག  སོ་ཁི་ར་ཐེ་ལགས་སྲང་ལ་འཆམ་འཆམ་དུ་སོང་བར།ཁོང་གི་དགེ་ཕྲུག་ཚོ་
ནམ་རྒྱུན་དང་འདྲ་བར་ཐང་ཆེན་དུ་འཛོམས་ཏེ་ཁོ་རང་ཕེབས་པར་སྒུག་ནས་འདུག  ཁོ་རང་ཐང་ཆེན་གྱི་གྲུ་ཟུར་ཞིག་ཏུ་བསྡད་ཅིང་དགེ་ཕྲུག་ཚོའང་ཁོང་གི་མཐའ་རུ་
རུབ་བྱུང་།འདི་ལྟར་སློབ་ཁྲིད་ལ་ཉན་པ་ནི་ཁོ་ཚོའི་གོམས་གཤིས་སུ་གྱུར་འདུག
སི་ཁི་ར་ཐེ་ལགས་ཀྱིས་བིམ་པ་ཞིག་བླངས་ཏེ།མི་ཕྱེད་དད་པས་ཁོ་ལ་ཅེར་བའི་དགེ་ཕྲུག་ཚོར་གསུང་རྒྱུར།“ངས་ད་སོ་མ་སིལ་ར་ནས་བིམ་པ་ཞིག་འཁྱེར་ཡོང་བ་ཡིན།བལྟས་ཚོད་དུ་སྨིན་ཐག་ཆོད་པ་ཞིག་རེད། ཁྱོད་ཚོས་སྣོམས་དང་། དྲི་མ་ག་འདྲ་ཞིག་རེད།”ཅེས་དྲིས་པ་ན།
  ཁོང་གི་སློབ་མ་གཅིག་གིས་བསྣམས་ཤིང་འདང་ཞིག་བརྒྱབ་སྟེ་ན་རེ།  “བིམ་པའི་དྲི་མ་རེད།” ཟེར།ཡང་གཅིག་གིས་སོ་ཁི་ར་ཐེ་ལགས་ཀྱི་གདོང་ལ་ལྟ་བཞིན་བཤད་རྒྱུར།
“རེད།བིམ་པའི་དྲི་མ་རེད།”ཟེར།སློབ་མ་གཞན་དག་གིས་ཀྱང་སྣོམ་ཞིང་བསྣམས་ཏེ་དེ་ལྟར་ཐལ་སོང་།མཐའ་མར་ཕི་ལ་ཐོ་གཅིག་བུས་ཁ་མ་གྲག་པ་རེད།སྐབས་དེར།སོ་ཁི་ར་ཐེ་ཡིས།“ཕོ་ལ་ཐོ། ཅི་ཞིག་གི་དྲི་མ་རེད།”
ཅེས་སྨྲས་བྱུང་།ཕོ་ལ་ཐོས་དགེ་རྒན་ལ་ལྟ་ཞོར། “ངས་དྲི་མ་གང་ཡང་ཚོར་མ་བྱུང་།”ཞེས་ཐལ་སྐད།
སོ་ཁི་ར་ཐེ་འཛུམ་དམུལ་དམུལ་གྱིས་ཕོ་ལ་ཐོ་ལ་བལྟ་ཞོར།“བལྟས་ཡོང་ན་ཁྱོད་ནི་ཁྱོད་རང་ཉིད་རེད”ཅེས་གསུངས་ཤིང་།དེ་མུར་བིམ་པ་དེ་སློབ་མ་ཚོའི་ལག་ཏུ་བཞག་སྟེ་བལྟ་རུ་བཅུག་ཅིང་།མཐའ་སྐོར་གྱི་མི་ཚང་མ་ཧ་ལས་ཤིང་ཧོང་ཐོར་བ་རེད།མ་གཞི་དེ་ནི་པྲ་ཚིལ་གྱིས་བཟོས་པའི་བིམ་པ་ཞིག་རེད། དེ་ལ་དྲི་མ་ཞིག་ག་ལ་ཡོད་ཨང་།
སོ་ཁི་ར་ཐེ་ཡིས་བཤད་རྒྱུར།“སློབ་མ་ཚོ།ཁྱོད་རང་ཚོས་ནག་ཉེས་ཆེ་ཤོས་ཤིག་བཟོས་བྱུང་།དེ་ནི་བདེན་ལུགས་ལ་ཡིད་མ་ཆེས་མི་བྱེད་པ་ཁོ་ན་རེད།ཁྱོད་ཚོས་ནམ་ཡང་ང་ལ་ཡིད་ཆེས་བྱ་རྒྱུ་མང་དྲགས་པ་ནི།ནམ་རྒྱུན་འབྱུང་བཞིན་པའི་བྱ་བ་ཞིག་དེ་བཞིན་འབྱུང་དུ་འཇུག་པ་དང་གཅིག་པ་རེད།ཐེ་ཚོམ་མི་ཟ་བ་ནི་ནག་ཉེས་ཤིག་རེད།ངས་བིམ་པ་དེ་སིལ་ར་ཞིག་ལས་འཁྱེར་ཡོང་ཟེར་བ་ལ་ཁྱོད་ཚོ་ཡིད་ཆེས་ཏེ།རང་གིས་བསམ་མནོ་ཅུང་ཙམ་ཡང་མི་གཏོང་བ་ཅི་རེད།མི་གཅིག་གི་སྣ་དབང་དེ་འདྲ་ཡིན་དུ་ཆུགས་མོད།མི་འདི་འདྲ་མང་བོ་ཞིག་ག་ལ་སྲིད།འདི་ནི་ཆུ་སྣ་གར་འཁྲིད་དེ།འདོད་ཕྱོགས་མེད་ཅིང་བདག་ཉིད་སྤངས་པའི་མངོན་ཚུལ་རེད། ཁྱོད་ཚོ་ཅིའི་ཕྱིར་ངའི་སྐད་ཆ་མ་གཏོགས། དོན་དངོས་ཀྱི་ཚོར་ཤེས་ལ་ཡིད་མ་ཆེས་པ་རེད།
ཁྱོད་ཚོས་གནད་དོན་ཐག་མི་ཆོད་པའི་སྐབས་སུ།ཅིའི་ཕྱིར་གཞན་ལ་བརྟེན་པ་ལས།རང་གི་ཚོར་ཤེས་ལ་ཡིད་ཆེས་མི་བྱེད་པ་རེད།མཁས་དབང་ལ་འགྲན་སེམས་མ་འཆང་ཚེ།གཞར་ཡང་ཡར་ཐོན་འབྱུང་མི་སྲིད་ལ།མཐའ་གཅིག་ཏུ་གཞན་ཁོ་ནར་ཡིད་ཆེས་བྱེད་པ་ནི།བདག་ཉིད་འབོར་བའི་རྒྱུ་འབའ་ཞིག་གོ ངས་རེ་བར་ཁྱོད་ཚོ་རང་ཉིད་ངོ་མ་བོ་བྱ་རྒྱུ་དེ་གལ་ཆེ་ལ། ར ང་རྟོགས་འདུ་ཤེས་འཁྱེར་ཏེ་གནད་དོན་ལ་དབྱེ་ཞིབ་བྱ་རྒྱུ་དེ་བས་ཀྱང་སྣངས་ཆེའོ།།”
འཇིག་རྟེན་ན་རྟག་བརྟན་ཐེར་ཟུག་གི་བདེན་ལུགས་ཤིག་མེད་ལ།རྩ་བ་ནས་རྒྱབ་རྟེན་བྱེད་སའི་ལྟ་སྣང་ཞིག་ཀྱང་མེད།བྱ་དངོས་ཡོད་ཚད་ལ་ཞིབ་འཇུག་ནན་ཏུར་བྱས་ན་གཟོད་ནས་བསྡོམས་ཚིག་བཀོད་ཐུབ་ལ།མཁས་དབང་ཇི་འདྲ་ཞིག་གི་ཉམས་མྱོང་ཡིན་རུང་།རང་དགར་རྩ་བ་ནས་ཡིད་ཆེས་བྱ་མི་རིགས།མཁས་དབང་དག་ལ་འགྲན་སེམས་འཆང་བ་ཡིན་ཚེ།གཞི་ནས་རང་གིས་ལག་ལེན་དང་ཤེས་རྟོགས་བྱེད་ཐུབ་ལ།གསོག་གསོབ་ཀྱི་ཚུལ་འཆོས་མཐའ་རུ་འདེད་ཐུབ།སྐབས་དེར་ཁྱོད་རང་ཏག་ཏག་མཁས་དབང་ཞིག་ཏུ་གྱུར་ཡོད་ངེས།ཐོག་མཐའ་བར་གསུམ་དུ་མཁས་དབང་ལ་ཡིད་ཆེས་དང་གཞན་གྱི་ཉམས་མྱོང་གཅིག་བུ་ལ་ཡིད་ཆེས་བྱས་ཚེ།བདེན་ལུགས་གཡོའི་འོག་ཏུ་ཚུད་པར་ཤིན་ཏུ་སླའོ།།
ནམ་ཞར་ཡང་བླུན་པོ་ཆུ་སྣ་གར་ཁྲིད་བྱ་མི་རུང་།མ་ཟད།རང་གི་ཞིབ་འཇུག་དང་ལག་ལེན་དངོས་མར་བརྒྱུད་ནས་ཤེས་རྟོགས་བྱུང་བ་མིན་ཚེ།བསྡོམས་ཚིག་དགོད་པའི་དབང་ཆ་ག་ལ་ཡོད།ནུས་པ་གང་ཡོད་ཀྱིས་བསྡོམས་ཚིག་འཇོག་པའི་མི་ཞིག་བྱེད་དགོས།དཀའ་ཁག་ག་འདྲ་ཡོད་རུང་།རང་གིས་ནུས་པ་ཡོད་རྒུ་ཕུལ་ཏེ་བསྒྲུབ་དགོས་པར་མ་ཟད།རང་གིས་བསྡོམས་ཚིག་གཞག་དགོས།རང་དགར་རྩ་བ་ནས་གཞན་ལ་ཡིད་ཆེས་བྱ་མི་རུང་སྟེ།རྒྱུ་མཚན་ཁྱོད་རང་ཁྱོད་རང་ཉིད་བཅའ་དགོས་སོ།།



No comments:

Post a Comment