གཏམ་བརྗོད་རང་དབང་དང་དད་མོས་རང་དབང་།
གཏམ་བརྗོད་རང་དབང་།
ཇི་སྐད་དུ། ཨ་མེ་རི་ཀའི་ཁྲིམས་ཞིབ་པ་ཆེན་མོ་པེན་ཇ་མེན་་ཁར་ཏོ་ཟོ་ན་རེ།
གཏམ་བརྗོད་རང་དབང་ནི་རང་དབང་གཞན་དག་སྐྱེད་བྱེད་ཀྱི་མ་ལྟ་བུ་རེད་ཟེར། “གལ་ཏེ་ཐོབ་ཐང་ཡོད་ཚད་ལས་མཐོ་བའི་ཐོབ་ཐང་གཅིག་ཡོད་ན།
དེ་ནི་གཏམ་བརྗོད་རང་དབང་གི་ཐོབ་ཐང་ཡིན”ཟེར་བའི་རྒྱུ་མཚན་ཡང་འདི་ལ་ཐུག་ཡོད་པ་རེད།
གཏམ་བརྗོད་རང་དབང་ཞེས་པ་ནི། རང་ཅག་འགྲོ་བ་མི་སྤྱི་པར་འབྲེལ་ཡོད་ཀྱི་དོན་དག་ཐད།
མི་བུ་རང་ཉིད་ཀྱི་བསམ་ཚུལ་དང་། དྲན་ཚུལ། འདོད་ཚུལ་བཅས་སོ་སོའི་འདོད་མོས་ལྟར་རང་དབང་དུ་འདོན་སྤེལ་ཆོག་པ་དང་།
མི་བུ་གཞན་པའི་དེ་ཐད་ཀྱི་གཏམ་བརྗོད་ལ་ཉན་འཇོག་བྱེད་རྒྱུའི་ཐོབ་ཐང་ལ་གོ་དགོས།
འོ་ན་སྤྱི་པའི་དོན་དག་གང་དག་ཐད་གཏམ་བརྗོད་ཀྱི་རང་དབང་ཡོད་དམ་ཞེ་ན།
ཆབ་སྲིད་ལ་འབྲེལ་བའི་གཏམ་བརྗོད་དང་། ཆོས་ལུགས་ལ་འབྲེལ་བའི་གཏམ་བརྗོད་དང་།
རིག་གནས་ལ་འབྲེལ་བའི་གཏམ་བརྗོད་དང་།
སྒྱུ་རྩལ་ལ་འབྲེལ་བའི་གཏམ་བརྗོད་ལ་རང་དབང་ཡོད་པ་རེད།
དེ་ལས་ཀྱང་ཅུང་ཞིབ་གསལ་དུ་བཀྲལ་ན།
གོང་འཁོད་ཀྱི་ཆབ་སྲིད་སོགས་ཀྱི་ཐད་རང་ཉིད་ཀྱི་འདོད་ཚུལ་དག སེམས་ལ་དྲན་པའམ།
ཁ་ནས་བརྗོད་པའམ། ཡི་གེའི་ལམ་ནས་འབྲི་བའམ། རི་མོའི་ལམ་ནས་བཞེང་བའམ།
གློག་བརྙན་འཕྲིན་གྱི་ལམ་ནས་མཚོན་ཆོག་པ་དང་།
དེས་མི་ཚད་དེ་རིགས་ཀྱི་བརྡ་འཕྲིན་གང་ཡང་ས་མཚམས་ཀྱི་དབྱེ་འགོག་མེད་པར་ཕར་གཞན་ལ་སྒྲོག་སྤེལ་ཆོག་ཅིང་།
མི་གཞན་པའི་དེ་སྐོར་གྱི་བརྡ་འཕྲིན་ཚུར་རང་གིས་འཚོལ་ལེན་ཆོག་པ་ཞིག་ལ་ཟེར་བ་རེད།
དེས་ཀྱང་མི་ཚད་དེ། ཁྲོམ་སྐོར་ལ་ཞུགས་པ་དང་ཚོགས་འཛོམས་ལ་ཞུགས་པ་དང་རྒྱལ་དར་མེ་ལ་སྲེག་པ་སོགས་ཀྱང་།
མི་རྣམས་ཀྱིས་སོ་སོའི་རྣམ་འགྱུར་སྟོན་སྟངས་ཙམ་ཡིན་པས་ན་དེ་ཡང་གཏམ་བརྗོད་རང་དབང་གི་ནང་ཚན་ཞིག་ཏུ་བཞག་ཡོད་པ་རེད།
གཏམ་བརྗོད་རང་དབང་ལ་དགེ་མཚན་མང་དུ་ཡོད་པ་རེད། ཆབ་སྲིད་ཀྱི་ཐད་ནས་བཤད་ན། རང་དབང་གི་གཏམ་བརྗོད་ཡོད་པས། ཆེ་ས་ནས། སྲིད་གཞུང་གི་སྲིད་ཇུས་ལ་ཤན་ཤུགས་འཇུག་ཐུབ་པ་དང་སྲིད་གཞུང་གི་ནོར་འཁྲུལ་དུས་ཐོག་ཏུ་ཡོ་བསྲིང་ལ་གྲོགས་བྱེད་ཐུབ་པ་རེད། ཆུང་ས་ནས། དབང་འཛིན་པ་ཚོས་སོ་སོའི་འགན་དབང་ལ་བརྟེན་ནས་ཁྲིམས་མེད་ལུགས་མེད་དང་རང་དོན་སྦུག་འདྲེན་ལ་ལྟ་རྟོག་གིས། རུལ་སུངས་པ་ཚོ་སྲིད་ཀྱི་གོ་གནས་ལས་མར་འབེབས་པར་གླེང་ཕྱོགས་བཟོ་ཐུབ་པ་རེད། དེ་ལས་ལྡོག་སྟེ། མི་མང་ལ་གཏམ་བརྗོད་ཀྱི་རང་དབང་མེད་སོང་དུས། དབང་འཛིན་པ་དེ་དག་གིས་ཚམ་ཚོམ་དང་སེར་སྣ་གང་ཡང་མེད་པར་ང་ཚོ་ཁྲལ་འཇལ་མཁན་གྱི་དངུལ་ཟོག་ལྐོག་ཟ་དང་ཆུད་ཟོས་བྱེད་ངེས་ལ། རྒྱལ་ཁབ་ཀྱི་དབང་ཆ་དེ་ཁོ་ཚོའི་སྒེར་དོན་སྒྲུབ་བྱེད་ཀྱི་ལག་ཆ་རུ་བེད་སྤྱོད་བྱེད་ཤག་ཤག་ཡིན་པ་རེད། རིག་གནས་ཀྱི་ཐད་ནས་བཤད་ནའང་། གཏམ་བརྗོད་རང་དབང་ནི་ཤིན་ཏུ་ནས་གལ་ཆེན་པོ་རེད། ང་ཚོས་ཤེས་གསལ་ལྟར། མའི་བྱང་ཁོག་བརྒྱུད་ནས་ཡོང་བའི་མི་ཞིག་ཡིན་ཕྱིན་ཆད་ཤེས་བྱ་མ་ལུས་མཁྱེན་ཐུབ་པ་ཞིག་དཔེ་མི་སྲིད་པས་ན། བདེན་དོན་གྱི་མདུན་སར་མི་ཐམས་ཅད་འདྲ་མཉམ་ཡིན་སོང་བ་རེད། མི་བུ་སུ་ལའང་སོ་སོའི་ལྟ་ཚུལ་ལྷུགས་བརྗོད་ཀྱི་གོ་སྐབས་ལྡན་དགོས་ཏེ། མང་མའི་ཤེས་རབ་ཀྱི་འོ་མ་མཉམ་བསྲེས་ཀྱིས་དཔྱད་བསྡུར་གྱི་འོ་རྟས་ཡང་ཡང་དཀྲོགས་ཚེ་བདེན་དོན་གྱི་མར་ལོ་གཞི་ནས་འཐོན་ཡོང་བ་རེད། དེ་བས་ན། གཏམ་བརྗོད་རང་དབང་ནི་བདེན་དོན་རྙེད་བྱེད་ཀྱི་ཐབས་ལམ་ཉག་ཅིག་ཀྱང་ཡིན་པ་རེད།
ཁྲིམས་ལུགས་ཀྱི་ངོས་ནས་བལྟས་ན། གཏམ་བརྗོད་རང་དབང་ཞེས་པ་དེ་གཙོ་བོ་ཆབ་སྲིད་དང་འབྲེལ་བའི་གཏམ་བརྗོད་ཀྱི་རང་དབང་ལ་ཟེར་བ་རེད། དེ་གང་ཡིན་ཞེ་ན། གལ་ཏེ་ཆབ་སྲིད་ཐད་ཀྱི་གཏམ་བརྗོད་ལ་རང་དབང་མེད་སོང་དུས། དམངས་གཙོའི་སྤྱི་ཚོགས་ཆགས་སའི་གཞི་རྟེན་མེད་འགྲོ་བས་རེད། དེའི་ཕྱིར་ཨ་རིའི་རྩ་ཁྲིམས་ཀྱི་བཟོ་བཅོས་ཁྲིམས་གཞི་དང་པོ་རུ། “གྲོས་ཚོགས་ཀྱིས། གཏམ་བརྗོད་རང་དབང་ངམ་གསར་འགྱུར་དང་དཔེ་སྐྲུན་གྱི་རང་དབང་ལ་ཚོད་འཛིན་བྱེད་པའི་བཅའ་ཁྲིམས་གང་ཡང་བཟོ་མི་ཆོག”ཅེས་གཏན་འབེབས་མཛད་ཡོད་པ་རེད།
མདོར་ན་གཏམ་བརྗོད་རང་དབང་གི་རྩ་དོན་ནི། “ང་ཚོ་དགའ་ཞེན་ཡོད་སའི་བསམ་བློར་རང་དབང་ཡོད་དགོས་པ་ཙམ་དུ་མ་ཟད། ང་ཚོ་ཞེ་སྡང་ལངས་སའི་བསམ་བློ་ལའང་རང་དབང་ཡོད་དགོས”ཞེས་པ་དེ་ཡིན། གནད་འགག་འདི་ང་ཚོས་ཅིས་ཀྱང་རང་གི་ཡིད་ལ་འཇགས་པར་བྱེད་དགོས་སོ།།

དད་མོས་རང་དབང་།
དད་མོས་རང་དབང་ནི་འགྲོ་བ་མིའི་ཐོབ་ཐང་ཞིག་རེད།
གང་དེ་ཐོབ་ཐང་གཞན་དག་དང་འདྲ་བར་སྐྱེ་བོ་རེ་རེར་སྐྱེས་ཐོབ་ཏུ་བདོག་པ་ཞིག་རེད།
སྲིད་གཞུང་ངམ་ཚོགས་སྡེ་སུ་ལའང་ཐོབ་ཐང་དེ་འཕྲོག་འཁྱེར་གྱི་དབང་ཆ་ཞིག་རྣམ་པ་ཐམས་ཅད་དུ་ཡོད་པ་མ་རེད།
དད་མོས་རང་དབང་ཞེས་པ་ག་འདྲ་ཞིག་ཡིན་ནམ་ཞེ་ན། འདི་ལྟ་སྟེ། སྐྱེས་བུ་སུ་ཞིག་ཡིན་ཀྱང་རང་ཉིད་འཚོ་ཞིང་གཞེས་པའི་སྤྱི་ཚོགས་དེ་རུ་སོ་སོ་གང་ལ་མོས་པའི་ཆོས་ལུགས་དེར་ཅི་དགར་དུ་དད་པ་བྱས་ཆོག་པ་ཞིག་ལ་ཟེར་བ་རེད། དེ་ཡང་དད་ལྡན་བོད་པ་རྣམས་ལ་ཆ་བཞག་ན། སྐྱེ་བོ་རེ་རེས་རང་དབང་དུ་ཁ་འདོན་དང་གསོལ་འདེབས། ཕྱག་བསྐོར་དང་མཆོད་མཇལ། སྒོམ་དང་སྨྱུང་གནས་སོགས་ཀྱིས་མཚོན་པའི་ཆོས་ཉམས་ལེན་བྱས་ཆོག་ལ། མི་མང་མཉམ་དུ་འདུས་ནས་ཆོས་ཀྱི་ཆོ་ག་སྤེལ་བ་དང་དབང་ལུང་མན་ངག་ཀྱང་ཞུས་ཆོག་པ་རེད། དེ་ལ་སྲིད་གཞུང་ངམ་ཚོགས་སྡེ་སུ་གཅིག་གིས་ཀྱང་གནོད་འཚེ་གཏོང་བ་ཕར་ཞོག བཏང་འཛིན་ཙམ་ཡང་བྱས་མི་ཆོག་པར་མ་ཟད། དེ་ལས་ལྡོག་སྟེ་མི་མང་གི་དད་མོས་རང་དབང་ལ་འགན་སྲུང་ཐུབ་པ་དགོས་རྒྱུ་ནི་སྲིད་གཞུང་གི་འགན་འཁྲི་ཡིན་པ་རེད།
ད་ལྟ་ས་ཆ་མང་ཆེ་བར་ཆོས་ལུགས་དད་མོས་མི་འདྲ་བའི་མི་མང་ལྷན་སྡོད་བྱས་ཡོད་པ་རེད། ཆོས་ལུགས་ཐམས་ཅད་འདྲ་མཉམ་ཡིན་ལ། གང་མཆོག་གང་དམན་དང་དེ་བཟང་འདི་ངན་ཟེར་རྒྱུ་གཏན་ནས་མེད། མི་རིགས་འདིའི་མི་དང་མི་རིགས་དེའི་མི་འདྲ་མཉམ་ཡིན་པ་ཇི་བཞིན་དུ། ཆོས་ལུགས་འདིའི་དད་ལྡན་པ་དང་ཆོས་ལུགས་དེའི་དད་ལྡན་པའང་འདྲ་མཉམ་ཡིན་དང་ཡིན་པ་རེད། གནས་སྟངས་དེའི་དབང་གིས། དེང་སང་དད་མོས་རང་དབང་ལ་ཡོངས་ཁྱབ་ཏུ༼ཆོས་ལུགས་རང་དབང༽ཞེས་ཟེར་གྱི་ཡོད་པ་རེད། ཆོས་ལུགས་རང་དབང་ཞེས་པས་ག་རེ་སྟོན་པ་ཡིན་ནམ་ཞེ་ན། ཆོས་ལུགས་དད་མོས་ནི་སོ་སོ་སྒེར་གྱི་དོན་དག་ཅིག་ཡིན་རྐྱེན་གྱིས། སྤྱི་དམངས་སུ་ཞིག་ཡིན་ཀྱང་རིགས་རྒྱུད་དང་མི་རིགས་གང་ཡིན་ལ་ལྟོས་པ་མེད་པར། སོ་སོ་རང་གི་མོས་པ་ལྟར་ཆོས་ལུགས་ལ་དད་པའི་ཐོབ་ཐང་ཡོད་པ་རེད་ལ། ཆོས་ལུགས་ལ་མི་དད་པའི་ཐོབ་ཐང་ཡང་ཡོད་པ་རེད། དེར་མ་ཟད། ཆོས་ལུགས་འདིར་དད་པ་བཏང་ནས་ཆོས་ལུགས་དེར་དད་པ་འཇོག་པའི་ཐོབ་ཐང་ཡང་ཡོད་པ་རེད། དུས་ནམ་ཞིག་གི་ཚེ་མི་སུ་ཞིག་གིས་དེ་ལྟར་བྱས་ན། སྐྱེས་བུ་སུས་དང་། ཐ་ན་རང་གི་ཕ་མ་ཚུན་ཆད་ཀྱིས་དོན་དེར་བཀག་འགོག་བྱས་མི་ཆོག་ལ། ཐེ་གཏོགས་སམ་ངན་སྨོས་ཀྱང་བྱེད་མི་རིགས། གང་ཡིན་ཟེར་ན། སུས་ཀྱང་གཞན་གྱི་ཆོས་ལུགས་རང་དབང་ངམ་དད་མོས་རང་དབང་གི་ཐོབ་ཐང་ལ་རྡོག་རོལ་གཏོང་མི་ཆོག་པའི་ཕྱིར་ཡིན།

བྱང་སྐར་གྱིས་སྒྱུར་སྒྲིག་བྱས།
No comments:
Post a Comment