ལྟ་ཚུལ་མོད་ཀྱང་རྒྱུན་ཤེས་དཀོན་པའི་འུ་ཚོ།
རྣོ་སྦྲེང་།
རང་དང་འདྲ་བའི་བརྒྱད་ཅུའི་སྨད་ཀྱི་ན་མཉམ་ཚོར་ཕུལ་བ།
ལོ་ཅི་འདྲའི་མང་པོ་ཞིག་གི་རིང་ལ།
གླུ་བརྒྱ་གདངས་གཅིག་གིས་བླངས་ཏེ་འོང་བ་རེད།
ཕྱོགས་གཞན་ཞིག་ནས་བཤད་ན་གདངས་བརྒྱས་གླུ་གཅིག་བླངས་ནས་ཐོན་པ་རེད། མཁའ་དབུགས་འདི་འདྲ་ཞིག་གི་རིག་གནས་ཀྱི་རྫོང་ཁ་མཐུག་པོ་དང་ནད་རྙིང་ཟབ་མོའི་གཉེན་དུ་གཞོན་པའི་རབས་ཁ་ཞིག་གི་རྟོགས་སད་ཀྱི་ང་རོ་ཐོན་པ་ནི་ཅི་འདྲའི་སྤྲོ་འོས་པ་ཞིག་རེད་ཨང་།
ཡང་ལབ་དང་འདྲ་བའི་གསོང་གཏམ་ཞིག་བཤད་ན། མཁས་རྒན་ཚོའི་བཀའ་བཀོད་ལས་འགོངས་ཏེ་རང་གི་ལྟ་ཚུལ་དམར་རྗེན་མ་ཤར་སེ་བརྗོད་ཐུབ་ལ་ཕོད་པའི་སྣང་ཚུལ་འདི་ནི་འུ་ཚོ་སྣ་མང་གི་རིག་གནས་ཀྱི་སྒོ་མོའི་ཕྱོགས་ལ་བསྐྱོད་པའི་གོམ་པ་ཐོག་མ་རེད་ལ། སྣ་གཅིག་རིག་གནས་ཀྱི་བཀག་རྒྱ་ལ་བཏང་བའི་ལག་བརྡ་ཐ་མ་ཡང་ཡིན་པས། འདི་ནི་འུ་ཅག་གིས་བསྐྱེད་འབྲས་ཡིན་ལ། གཞོན་སྟོབས་ཀྱང་ཡིན་པས་ང་རྒྱལ་དུ་བརྩི་ཅི་ལ་མི་རུང་། གང་ལྟར་འུ་ཚོའི་སྟེང་ན་སྣ་མི་འདྲ་བའི་སྙིང་སྟོབས་དང་ལྟ་ཚུལ། སྤོབས་པ། རིན་ཐང་སོགས་མངའ་བས། སུ་ཞིག་གིས་ཀྱང་གཞོན་རབས་པ་ཞེས་གཙིགས་ཆེན་དང་གོང་བཀུར། རེ་བ། དཀྱེལ་ཡངས་སོགས་གནང་བ་རེད། བར་སྐབས་འདི་ནས་འུ་ཚོས་ཀྱང་ཁ་ཕྱིར་འཁོར་ཏེ་རང་ཉིད་ལ་ཚང་རྩིས་དང་ཞིབ་བཤེར་ཞིག་ངེས་པར་དུ་བལྟ་དགོས་ས་རེད་དེ། ནམ་ནམ་ཞར་ཞར་གཞན་གྱིས་བཤད་པ་ཡོད་དོ་ཅོག་སྐྱོན་དང་བཙོག་ཏུ་མཐོང་སྟེ་རང་ཁོ་ན་ལས་གཞན་ཡོད་དོ་ཅོག་རྟག་ཆད་ཀྱི་མཐའ་གཉིས་གང་རུང་ལ་ལྷུང་བར་འདོད་ཀྱིན་པའི་ལྟ་ཚུལ་དེ་ལ་ཡང་སྙོམས་སྒྲིག་ཅིག་བྱས་ན་ག་འདྲ། ཕྱིར་རྟོག་ཅིག་བྱས་ན་ཅི་འདྲ།
སྣ་མང་གི་ལྟ་ཚུལ་མེ་དཔུང་བཞིན་འབར་ན་འུ་ཅག་སུ་ཡང་ལོས་སྤྲོ་མོད། སྣ་མང་རྒྱུན་ཤེས་ལ་རྣ་ཐོས་མིག་མཐོང་ཙམ་ལས་མེད་ཅིང་། རྒྱུན་ཤེས་སྐོར་ལ་དོ་ཁུར་དང་མཐོང་ཆེན་ཀྱང་མི་གནང་དོན་ག་རེ། ཏག་ཏག་རྒྱལ་ཁབ་གཞན་དང་མི་རིགས་གཞན་པའི་བརྒྱད་ཅུའི་སྨད་ཀྱི་གཞོན་པ་ཚོ་ལ་ཡོད་པའི་སྣ་འཛོམས་ཀྱི་རྒྱུན་ཤེས་དེ་དག་འུ་ཚོའི་ལུས་སྟེང་ན་དྲི་ཙམ་ཡང་མེད་པ་དེ་ཡང་གནད་དོན་ཞིག་མ་ཡིན་ནམ།
ཡང་། སྐོར་ཞིག་གིས་འཚོ་བའི་ཁྲོད་ཀྱི་རྒྱུན་ཤེས་དང་བར་ཐག་གིས་ཅེར་ཏེ་ཧ་ཅང་ན་ཟུག་ཡོད་མདོག་གིས་ཕྱི་གླིང་གི་མཁས་པ་ག་གེ་མོའི་ལུང་ཚིག་རེ་འདྲེན་ཅི་ཐུབ་ཀྱིས། རང་ཉིད་མ་གཞི་ནས་རྟོགས་པ་སད་དེ་ཕྱི་གླིང་གི་མགོ་སེར་ཚོའི་གྲས་ཀྱི་མཐོ་རིམ་མི་སྣ་དག་དང་མཉམ་ཡོད་མདོག་སྟོན་མོད། ཡང་ན་འཛམ་གླིང་གི་དཔེ་ཆ་གྲགས་ཆེན་དང་རྩོམ་པ་པོ་བགྲང་ལས་འདས་པའི་བརྩམས་ཆོས་དང་དགོངས་དོན་རྟོགས་ཏེ་རྟོགས་པ་ལྷ་དང་མཉམ་ཡོད་ཁུལ་བྱེད་ནའང་། དེ་དག་ཕལ་མོ་ཆེ་ནི་ཕྱིའི་རྣམ་པ་ཙམ་སྟེ། རྫུན་དང་ཤོབ་དང་ལབ་སོགས་རང་གིས་རང་ལ་གཏམ་པ་རེད་ལ། བརྒྱ་ལ་དེ་འདྲ་ཞིག་ཡོད་པའི་དབང་དུ་བཏང་ནའང་འུ་ཚོ་ལ་ག་ཚོད་ཅིག་ཡོད་སྲིད་དམ།
འུ་ཅག་གི་མི་མང་པོ་ཞིག་གིས་འཇིག་རྟེན་དང་མི་ཡུལ་དང་གནམ་འོག་ཅེས་པའི་མིང་བརྡ་སོགས་བཀོལ་བར་དགའ་ལ། ལས་དོན་ག་གེ་མོ་ཙམ་དང་བརྩམས་ཆོས་ག་གེ་ཙམ་ཞིག་ས་གནས་རང་བཞིན་ནས་སྤེལ་རྗེས་འཇིག་རྟེན་མི་ཡུལ་ལ་བཀྲམས་སོང་ཟེར་བར་སྤྲོ་ལ་གོམས།
དོན་དངོས་སུ། གནམ་འོག་དང་མི་ཡུལ་དང་འཇིག་རྟེན་ཟེར་བ་རྨ་ལྷོ་དང་མཚོ་ལྷོ་དང་ཀན་ལྷོ་དང་མཚོ་བྱང་དང་སྡེ་དགེ་དང་མཛོད་དགེ་སོགས་ས་གནས་རང་བཞིན་ཙམ་ལ་གོ་བའི་མི་དེ་དག་ལ་ནི་ཁོ་བོས་སྐད་ཆ་ཅི་ལྟར་བཤད་དགོས་སམ། མི་འདི་དག་གི་ཀུན་གཞིའི་ངོས་སུ་ས་གནས་རང་བཞིན་གྱི་ང་རྒྱལ་དང་ཕྲག་དོག་དང་དུངས་ཞེན་དང་བག་ཆགས་སོགས་ཀྱི་རྫོང་མཐུག་པས། ད་ནི་འུ་བུ་ཅག་གི་རིག་གནས་ཀྱི་གནས་བབ་རྒྱལ་ནང་དང་རྒྱལ་སྤྱི་དང་འཛམ་གླིང་རང་བཞིན་ཅན་གྱི་རྗེས་སུ་འགྲོ་རྒྱུ་ཟེར་བ་ནི་གནའ་བོའི་རྒན་རྒོན་ཚོའི་སེམས་ནང་གི་སྟོད་ཉི་མ་ལྷ་ས་རུ་གྱུར་བ་མ་ཡིན་ནམ།
གནའ་མིའི་ཁ་དཔེར་ཐོས་པ་བརྒྱ་ལས་མཐོང་བ་གཅིག་བཟང་ཟེར་བཞིན་བ་བཞིན་འུ་ཚོས་ཀྱང་ནམ་རྒྱུན་འོལ་ཚོད་ཙམ་གྱིས་སྐད་ཆ་བཤད་དེ་ལུང་བའི་ནང་གི་མཁས་པ་ཞིག་བྱེད་པ་ལས། སྣ་མང་རིག་གནས་དང་སྣ་མང་རྒྱུན་ཤེས་ལ་གོམས་ཡོད་པའི་སྤྱི་ཚོགས་ཀྱི་མི་བུ་ཞིག་བྱས་ན་མི་དགའ་ཨང་སྙམ།
མདོར་ན་དུས་རྟག་ཏུ། ད་ལྟའི་འཛམ་གླིང་གི་རྩོམ་རིག་དང་རིག་གནས་དང་གསར་འགྱུར་དང་སོགས་ཀྱི་གནས་བབ་ལ་ཁ་ཡ་ཐད་ནས་མི་བྱེད་པར་དཔེ་ཆ་སྣ་རིང་འགའ་རེ་དང་གནའ་བོའི་དཔེ་ཆ་རེ་ཟུང་ལ་བལྟས་རྗེས་འཇིག་རྟེན་གྱི་ཡོད་ཚད་རྟོགས་ཡོད་ཁུལ་བྱེད་པའི་ཉེ་རབས་ཀྱི་རིག་གནས་ཤིག་གི་སྣང་ཚུལ་སྔུན་ལ། བརྒྱད་ཅུའི་སྨད་ཀྱི་གཞོན་སྐྱེས་ཚོའི་སྣ་མང་གི་ལྟ་ཚུལ་ཞིག་མཁོ་བ་ནི་སྨྲོས་མེད་རེད་མོད། སྣ་མང་གི་ལྟ་ཚུལ་རྐྱང་ལབ་པ་ལ་མགོ་འཁོར་ནས་སྣ་མང་གི་རྒྱུན་ཤེས་ལ་དོ་ཁུར་དང་ཁ་ཡ་མི་བྱེད་པ་འདི་ཡང་འུ་ཚོའི་ནད་རྙིང་ཞིག་རེད་ཅེས་སྐད་ཆ་འདི་ནི་རང་གིས་རང་ལ་གསལ་ཁ་འདེབས་ཞོར་དུ་རང་དང་འདྲ་བའི་བརྒྱད་ཅུའི་སྨད་ཀྱི་ན་མཉམ་ཚོ་ལ་ཕུལ་བ་ཡིན་ནོ།

2011.9.16ཉིན་པེ་ཅིན་ནས་ཤར་མར་སྤེལ།
No comments:
Post a Comment