ཡང་སྤྲུལ་ངོས་འཛིན་ལམ་ལུགས་དང་མཐའ་མཇུག་གི་ལག་བརྡ།
རྣོ་སྦྲེང་།
ནུབ་བྱང་མི་རིགས་སློབ་ཆེན་གྱི་རང་མོས་གླེང་སྟེགས་སྐབས་༤༦པའི་སྟེང་གི་གཏམ་བཤད་ཚན་བཤུས།
བྲན་གཤིས་ཀྱི་སྲོག་ཤིང་གཏོར་བ།
----ཡང་སྤྲུལ་ངོས་འཛིན་ལམ་ལུགས་ལ་མཐའ་མཇུག་གི་ལག་བརྡ་གཏོང་བ།
སློབ་གྲོགས་རྣམ་པ། ཐོག་མར་ཁྱེད་ཚོས་གསེར་ལས་ལྷག་པའི་དུས་ཚོད་སྤྱད་ནས་ཐེངས39པའི་རང་མོས་གླེང་སྟེགས་སུ་ང་ཚོ་དང་བགྲོ་གླེང་བྱེད་དུ་ཕེབས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
བྲན་གཤིས་ཀྱི་སྲོག་ཤིང་གཏོར་བ།
----ཡང་སྤྲུལ་ངོས་འཛིན་ལམ་ལུགས་ལ་མཐའ་མཇུག་གི་ལག་བརྡ་གཏོང་བ།
སློབ་གྲོགས་རྣམ་པ། ཐོག་མར་ཁྱེད་ཚོས་གསེར་ལས་ལྷག་པའི་དུས་ཚོད་སྤྱད་ནས་ཐེངས39པའི་རང་མོས་གླེང་སྟེགས་སུ་ང་ཚོ་དང་བགྲོ་གླེང་བྱེད་དུ་ཕེབས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ།
འདིར་ང་ཚོས་བོད་མི་ས་ཡ་དྲུག་གི་ནང་བསམ་བློ་དང་ཕྱི་སྤྱི་ཚོགས་ཀྱི་སྟེང་ན་གོ་གནས་ཆེན་པོ་ཟིན་ཡོད་པའི་“སྤྲུལ་སྐུ་”གླེང་རྒྱུ་ཡིན།
ང་ཚོས་དུས་རབས་དང་གནས་ལུགས་ལ་བདེན་ཁ་བྱིན་ཏེ།
ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་བོད་ལ་དར་ཞིང་མིག་སྔའི་གནས་བབ་ཀྱིས་མཇུག་བསྡུ་རན་པའི་“ཡང་སྤྲུལ་ངོས་འཛིན་ལམ་གས་”ལ་མཐའ་མཇུག་གི་ལག་བརྡ་གཏོང་རྒྱུ་ཡིན།
བདེན་པ་རེད། མྱི་རྐྱང་འགའི་རྒྱབ་སྐྱོར་ལས་མེད་པའི་མྱི་རྐྱང་འགའི་ལྟ་ཚུལ་བརྗོད་པ་ཙམ་གྱིས།
ལག་ལེན་དངོས་ཀྱི་སྟེང་ནས་རྦད་དེ་ཆོད་འགྲོ་བའི་ངེས་པ་མེད་ཀི
ཡིན་ན་ཡང་ང་ཚོས་ཐོག་མར་སློབ་ཆེན་པའི་བསམ་བློའི་ངོས་ནས་དང་མི་བུའི་གནས་ལུགས་ཀྱི་སྔུན་ནས་ཁོ་ཚོ་རྒྱང་ཕུད་དུ་གཏོང་དགོས་པའི་བསྒྲགས་གཏམ་སྤེལ་རྒྱུ་ཡིན།
ང་རང་མི་བུ་སྒེར་གྱི་ངོས་ནས་བཤད་ན་“ཡང་སྤྲུལ་ངོས་འཛིན་ལམ་ལུགས་”ནམ་ཞིག་རྒྱུན་ཆད་རྒྱུའི་ཡིད་ཆེས་ཡོད་ཀི
རྒྱུ་མཚན་གང་ཡིན་ཞེ་ན་བོད་ལ་“ཡང་སྤྲུལ་ངོས་འཛིན་ལམ་ལུགས་”དར་ཐུབ་པའི་གནས་ལུགས་ཀྱིས་འགྲུབ་ཀི
མི་བུ་རང་ཉིད་ནས་མགོ་བརྩམས་ཏེ་ཁ་སང་ཀླད་པའི་ནང་ལ་འཁོར་པའི་དོགས་སློང་གི་འབྲས་བུ་དེ་དག
དེ་རིང་ངག་ཐོག་ཡིག་ཐོག་གང་རུང་ནས་རྒྱུན་མ་ཆད་པར་བཤད་ན།
སང་ཉིན་ལག་ལེན་དུ་ཐོབ་རྒྱུ་རེད་སྙམ་གི
གསལ་བོར་བཤད་ན་“ཡང་སྤྲུལ་ངོས་འཛིན་ལམ་ལུགས་”ལག་ལེན་དངོས་ཀྱི་སྟེང་ནས་རྒྱུན་ཆད་རྒྱུ།
དུས་ཚོད་ཀྱི་སྔ་ཕྱི་ཙམ་རེད་འདོད་ཀི
དེས་ན་ང་ཚོས་“ཡང་སྤྲུལ་ངོས་འཛིན་ལམ་ལུགས་”ལ་དགག་རྒྱག་མ་བྱས་པའི་ཡར་སྔོན༌། ཐུབ་བསྟན་རིག་གནས་ཁྲོད་ཀྱི་“སྤྲུལ་སྐུ་”ཞེས་པ་དེ་ལ་གོ་བ་ཟབ་མོ་ཞིག་ལེན་དགོས། སྤྱིར་ཡིན་ན་ང་ཚོས་མི་ཆོས་གླེང་སར་ཐུབ་བསྟན་རིག་གནས་ཀྱི་གཞུང་ལུགས་ནང་གི་“སྤྲུལ་སྐུའི་”མཚན་ཉིད་དང་ས་མཚམས་སོགས་གླེང་དགོས་དོན་མེད་མོད། “ཡང་སྤྲུལ་ངོས་འཛིན་ལམ་ལུགས་”ལ་མཐའ་མཇུག་གི་ལག་བརྡ་གཏོང་མཁན་ཞིག་གི་ཆ་ནས། ཐུབ་བསྟན་རིག་གནས་ཁྲོད་ཀྱི་“སྤྲུལ་སྐུའི་”“ཚད་ཐིག་”ཅིས་ཀྱང་ཤེས་དགོས་པའི་གནད་དོན་རེད།
“སྤྲུལ་སྐུ་”ཞེས་པའི་བརྡ་ཆད་འདི་ནི་ཐུབ་བསྟན་རིག་གནས་ཁྲོད་ནས་ཚུར་བོད་ལ་དར་འོང་བ་རེད་ལ། ཐུབ་བསྟན་རིག་གནས་རང་ན་“སྤྲུལ་སྐུ་”ནི་གདུལ་བྱ་དག་མ་དག་འབའ་ཞིག་ལ་སྣང་ནས་གཞན་དོན་རྐྱང་རྐྱང་བསྒྲུབ་པ་ཞིག་ལ་ཟེར་ཞིང༌། མ་མཐའ་ཡང་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་ཐོབ་མཁན་ཞིག་ཡིན་པར་བསྟན་ཡོད། ངས་འདིར་བརྗོད་འདོད་པ་ནི། འོ་ན་དེ་རིང་ཁ་སང་གི་“སྤྲུལ་སྐུ་”ཡིན་ཟེར་མཁན་འདི་ཚོར་ཐུབ་བསྟན་རིག་གནས་ཁྲོད་ཀྱི་“སྤྲུལ་སྐུ་”ཞེས་པའི་དོན་ཚང་ངམ། གལ་ཏེ་དངོས་གནས་ཐུབ་བསྟན་རིག་གནས་ཁྲོད་ཀྱི་“སྤྲུལ་སྐུ་”དེ་འདྲ་ཞིག་ཡོད་པའི་དབང་དུ་བཏང་ན། འདི་འདིའི་སྤྲུལ་སྐུ་དང་གན་གན་གྱི་“སྤྲུལ་སྐུ་”ཡིན་ཞེས་མཛུབ་གུ་འཛུགས་དགོས་དོན་མེད་ཀི གཏན་ཚིགས་ནི་ཐུབ་བསྟན་རིག་གནས་ཁྲོད་ཀྱི་“སྤྲུལ་སྐུ་”ནི་གཞན་དོན་རྐྱང་རྐྱང་བསྒྲུབ་མཁན་ཞིག་ཡིན་པའི་སྟེང་ནས་འགྲུབ་ཀི
དེས་ན་ང་ཚོས་“ཡང་སྤྲུལ་ངོས་འཛིན་ལམ་ལུགས་”ལ་དགག་རྒྱག་མ་བྱས་པའི་ཡར་སྔོན༌། ཐུབ་བསྟན་རིག་གནས་ཁྲོད་ཀྱི་“སྤྲུལ་སྐུ་”ཞེས་པ་དེ་ལ་གོ་བ་ཟབ་མོ་ཞིག་ལེན་དགོས། སྤྱིར་ཡིན་ན་ང་ཚོས་མི་ཆོས་གླེང་སར་ཐུབ་བསྟན་རིག་གནས་ཀྱི་གཞུང་ལུགས་ནང་གི་“སྤྲུལ་སྐུའི་”མཚན་ཉིད་དང་ས་མཚམས་སོགས་གླེང་དགོས་དོན་མེད་མོད། “ཡང་སྤྲུལ་ངོས་འཛིན་ལམ་ལུགས་”ལ་མཐའ་མཇུག་གི་ལག་བརྡ་གཏོང་མཁན་ཞིག་གི་ཆ་ནས། ཐུབ་བསྟན་རིག་གནས་ཁྲོད་ཀྱི་“སྤྲུལ་སྐུའི་”“ཚད་ཐིག་”ཅིས་ཀྱང་ཤེས་དགོས་པའི་གནད་དོན་རེད།
“སྤྲུལ་སྐུ་”ཞེས་པའི་བརྡ་ཆད་འདི་ནི་ཐུབ་བསྟན་རིག་གནས་ཁྲོད་ནས་ཚུར་བོད་ལ་དར་འོང་བ་རེད་ལ། ཐུབ་བསྟན་རིག་གནས་རང་ན་“སྤྲུལ་སྐུ་”ནི་གདུལ་བྱ་དག་མ་དག་འབའ་ཞིག་ལ་སྣང་ནས་གཞན་དོན་རྐྱང་རྐྱང་བསྒྲུབ་པ་ཞིག་ལ་ཟེར་ཞིང༌། མ་མཐའ་ཡང་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མཉམ་བཞག་ཡེ་ཤེས་ཐོབ་མཁན་ཞིག་ཡིན་པར་བསྟན་ཡོད། ངས་འདིར་བརྗོད་འདོད་པ་ནི། འོ་ན་དེ་རིང་ཁ་སང་གི་“སྤྲུལ་སྐུ་”ཡིན་ཟེར་མཁན་འདི་ཚོར་ཐུབ་བསྟན་རིག་གནས་ཁྲོད་ཀྱི་“སྤྲུལ་སྐུ་”ཞེས་པའི་དོན་ཚང་ངམ། གལ་ཏེ་དངོས་གནས་ཐུབ་བསྟན་རིག་གནས་ཁྲོད་ཀྱི་“སྤྲུལ་སྐུ་”དེ་འདྲ་ཞིག་ཡོད་པའི་དབང་དུ་བཏང་ན། འདི་འདིའི་སྤྲུལ་སྐུ་དང་གན་གན་གྱི་“སྤྲུལ་སྐུ་”ཡིན་ཞེས་མཛུབ་གུ་འཛུགས་དགོས་དོན་མེད་ཀི གཏན་ཚིགས་ནི་ཐུབ་བསྟན་རིག་གནས་ཁྲོད་ཀྱི་“སྤྲུལ་སྐུ་”ནི་གཞན་དོན་རྐྱང་རྐྱང་བསྒྲུབ་མཁན་ཞིག་ཡིན་པའི་སྟེང་ནས་འགྲུབ་ཀི
གང་ལྟར་ང་ཚོས་བཅོམ་ཆག་སྐྱ་ཉིལ་ལེར་གཏོང་རྒྱུ་ཟེར་བ་ནི།བོད་མིའི་སེམས་ཁོང་ན་“སྤྲུལ་སྐུ་”ཞེས་པའི་མིང་བྱང་འདི་སྐྱེས་པོ་ཞིག་གི་སྟེང་ན་ཡོད་ཚེ།
དེའི་སྔུན་ནས་རང་གི་མི་བུའི་རྩིས་ཐང་བོར་ནས་མགོ་སྒུར་སྒུར་དང༌།
སྒྱིད་པ་ལྷེམ་ལྷེམ་བྱེད་དགོས་པར་བཟུང་པའི་རིག་གནས་ཀྱི་བག་ཆགས་རྙིང་བ་དེ་ཡིན།
དེས་ན་འདིར་ངས་སྤྲུལ་སྐུའི་རྐང་བ་བོད་ལ་སྤོ་ཚུལ་དང་འབྲེལ་ཏེ་ལྟ་ཚུལ་ཁ་ཤས་གླེང་ན།
ཡོངས་གྲགས་སུ་བོད་ཀྱི་“ཡང་སྤྲུལ་ངོས་འཛིན་ལམ་ལུགས”ཀརྨ་པའི་དུས་སྐབས་ནས་བྱུང་བ་སློབ་གྲོགས་ཚང་མས་ཤེས་ནི་རེད།
དེ་མཐར་གཏུགས་ན་གྲུབ་མཐའི་ཁེ་ཕན་དང་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་བྱུང་བ་མཁས་དབང་དུང་དཀར་སོགས་ཀྱིས་རིག་པ་ཕྲ་མོའི་སྒོ་ནས་བཤད་ཡོད་ཀི
ཡིན་ན་ཡང་མི་མང་པོ་ཞིག་གི་ཀླད་པའི་ནང་དུ་དྲི་བ་འདི་འདྲ་འཁོར་ཡོང་གི་འདུག“སྤྲུལ་སྐུ་ཁ་ཤས་ཐོག་མར་སྐྱེས་དུས་འཇའ་ཚོན་ཤར་བ་དང་རང་གི་སྐུ་ཕྲེང་སྔོན་མའི་ན་བཟའ་དང་ཅ་ལག་ངོས་ཟིན་པ་ཡ་མཚན་རེད”འོ་ན་དེ་ཅི་ཞིག་རེད་ཟེར།
དེ་ནི་ཧ་ལས་དགོས་ཤིང་ཧང་སངས་དགོས་པའི་དོན་དག་ཅིག་མ་རེད།
ག་རེ་ཟེར་ན་རྒྱལ་དབང་ལྔ་བས་སྐད་ཆ་འདི་འདྲ་ཞིག་བཤད་ཡོད་ཀི
“ནང་མི་ཚོས་ང་ཏཱ་ལའི་བླ་མའི་སྐུ་ཕྲེང་བཞི་བའི་ཡང་སྲིད་ཡིན་ཚུལ་ཤོད་ཀྱི་ཡོད་པ་དང༌།
ཡིན་ལུགས་ཀྱི་རྒྱུ་མཚན་ནི་ང་སྐྱེས་པའི་སྐབས་སུ་ཁྱིམ་གྱི་ཀ་བའི་སྒང་ནས་འོ་བ་བབ་པ་དང༌།
གནམ་ལ་འཇའ་ཟུག་པ།
སྐུ་ཕྲེང་བཞི་བའི་སྐུ་ཆས་རྣམས་ངས་ངོས་འཛིན་བྱས་པ་རེད་སོགས་བཤད་ཀྱིན་འདུག་ནའང་དེ་འདྲ་བྱས་པ་ང་རང་གིས་དྲན་གསོས་ཀྱི་མི་འདུག
ངས་སྐྱེ་བ་སྔོན་མའི་མི་ངོ་ཤེས་རྒྱུ་དང་སྐྱེ་བ་སྔོན་མའི་ཅ་ལག་ངོ་ཤེས་རྒྱུ་ལྟ་ཅི།
ལོ་བཅུ་དྲུག་ཙམ་ལ་མ་སླེབས་པར་ཡོན་ཏན་ཡང་དགེ་་རྒན་གྱིས་ཉེས་རྡུང་དང་གཤེ་གཤེ་འོག་ཏུ་བསླབས་པར་བརྟེན་མ་བསླབས་པར་ཤེས་རྒྱུ་ཕར་བཞག་བསླབས་པ་དེའང་ཡག་པོ་ཤེས་ཀྱི་མི་འདུག་པས་ཐམས་ཅད་མཁྱེན་པའི་ཡང་སྲིད་དེ་བས་ཀྱང་གང་ནས་ཡིན།
སྐྱེས་པ་སྔོན་མའི་ཅ་ལག་ངོ་ཤེས་པ་ལ་བསླབས་པའི་ཡོན་ཏན་དེ་མ་ཤེས་པར་རྩ་བ་ནས་ཡོང་མི་སྲིད་ཅིང༌།
མ་བསླབས་པ་དེ་ཤེས་རྒྱུ་ཡོད་དུས་བསླབས་པ་དེ་དེ་བས་ཀྱང་ཤེས་པ་དགོས་ཀྱི་རེད།
འོན་ཀྱང་བསླབས་པ་དེ་དཀའ་ལས་ག་ཚོད་བརྒྱབ་ནའང་ཤེས་ཀྱི་མི་འདུག་ལ་སང་ཉིན་མི་ལ་ཆོས་ཤོད་དགོས་བྱུང་ན་དེ་རིང་དགེ་རྒན་གྱིས་སང་ཉིན་དེ་ལྟར་ཤོད་ཨང་ཞེས་བསླབ་དགོས་ཀྱི་ཡོད།
ཡིན་ནའང་ང་དགོས་པའི་དབང་གིས་ཁྲིའི་སྒང་དུ་བསྐྱལ་བ་རེད་ལ་ངས་ཀྱང་མ་ཡིན་ཡིན་མདོག་མ་བྱས་ཀ་མེད་རེད།
”ཅེས་དང༌། “ང་སྐྱེས་པའི་སྐབས་སུ་ཆར་བ་བབ་པ་དང༌། མེ་ཏོག་ཤར་བ།
འཇའ་ཟུག་པ་སོགས་ཀྱི་ཤོད་ཚུལ་དེ་དག་རྒྱུ་མཚན་དུ་བྱས་ནས་རྒྱལ་བ་སྐུ་ཕྲེང་བཞི་བའི་ཡང་སྲིད་དུ་ངོས་འཛིན་བྱས་ཚེ་གཏན་ནས་འགྲིག་ཐབས་མེད”ཞེས་དྲང་མོའི་ལམ་བུར་ཞུགས་ཡོད་ཀི
དེར་མ་ཟད་པཎ་ཆེན་སྐུ་ཕྲེང་བཅུ་བའི་ལོ་རྒྱུས་གཅིག་པུའི་སྟེང་ནས་ཀྱང་ང་ཚོས་དོན་དངོས་ཀྱི་ཟུར་གཅིག་མཐོང་ཐུབ་ཀི
དེ་ག་རེ་རེད་ཟེར་ན་སྐབས་དེར་པཎ་ཆེན་སྐུ་ཕྲེང་དགུ་བའི་སྤྲུལ་སྐུ་ཡིན་ཟེར་མཁན་ད་ལྟ་བལ་ཡུལ་ན་ཡོད་པའི་“འོད་སྤྲུལ་”དང་“ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་”གཉིས་བྱུང་ཟིག
དེ་རིང་ཁ་སང་བོད་མིའི་སེམས་ཁོང་ན་ཡོད་པའི་པཎ་ཆེན་སྐུ་ཕྲེང་བཅུ་བ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་ལ་སྐབས་དེའི་མི་ཚོས་“སྤྲུལ་རྫུན་”དང་“ཨ་མདོའི་ཚོང་བ་རྒྱག་པ་”སོགས་ཀྱི་ཆོ་ལོ་བསྐྲད་དེ་ཡུན་རིང་ཞིག་ལ་“པཎ་ཆེན་སྐུ་ཕྲེང་བཅུ་བའི་ཁྲི་སྟེགས་”མ་བྱིན་ཟིག
ཕྱིས་སུ་ཁོས་རང་གི་མི་རིགས་ལ་ཕྱོགས་གང་ཅིའི་ཐད་ནས་ནུས་པ་བླ་ལྷག་ཐོན་པ་དང་བྱ་བཞག་མང་པོ་བསྒྲུབ་པའི་ནུས་པས་བོད་མིའི་སེམས་ཁོང་གི་“པཎ་ཆེན་སྐུ་ཕྲེང་བཅུ་བར”གྱུར་བ་རེད།
གནད་འདི་དག་གི་སྟེང་ནས་གཙོ་བོ་མིའི་ནུས་པ་ལ་རག་ལས་པ་ཤེས་ཐུབ།
དེ་ལྟ་ནའང་མི་རིགས་ལ་བྱས་རྗེས་དང་ནུས་པ་འདོན་གྱིན་པའི་མི་བུ་ཚོར་འུ་ཚོས་མི་བུའི་རིན་ཐང་ངོས་ནས་གང་ལ་གང་འཚམ་གྱིས་གདེངས་འཇོག་བྱས་ན་་འགྲིག་པ་ལས།
མིའི་སྒེར་ཚུགས་དོར་བའི་སྤྲེལ་ལད་བྱེད་དགོས་དོན་མི་འདུག
འུ་ཚོའི་བོད་མིའི་སེམས་ཁོང་ནས་“སྤྲུལ་སྐུ་”ལ་བཟུང་བའི་རིག་གནས་ཀྱི་བག་ཆགས་རྙིང་བ་མ་གཏོར་ན།
སྒམ་ཚུགས་སྟོན་མཁན་ཚོས་“ཡང་སྤྲུལ་ངོས་འཛིན་ལམ་ལུགས་”རྒྱུན་བསྐྱངས་ནས་བསྡད་ན།
ང་ཚོའི་བོད་མི་ཚོར་རང་དབང་དང་འདྲ་མཉམ་གྱི་སློབ་གསོའི་མཁའ་དབུགས་གཙང་མ་ཡོད་མི་སྲིད།
དཔེ་ཞིག་བཞག་ན་ས་གནས་སོ་སོའི་“སྐྱབས་མགོན་”ཡིན་ཟེར་མཁན་ཚོར་སྒོར་ཁྲི་ཕྲག་མང་པོས་ཁང་བ་ལས་ཤིང་རླངས་འཁོར་ཉོས་ཏེ་དམངས་ཚོགས་ཀྱི་ལག་ནས་སྒོར་མོ་བསླངས་ན་ཁོ་ཚོས་འོས་འགན་ཞིག་ཏུ་བསམ་ཡོད་ལ།
ས་གནས་རང་བཞིན་གྱི་“སློབ་འབྲིང་”དང་“མཐོ་འབྲིང་”སོགས་ནས་དབྱར་ཁ་རུལ་དྲི་འཐུལ་ཞིང་དགུན་ཁ་དར་ཆགས་ཡོད་པའི་མལ་ཁང་གཅིག་གི་ནང་ནས་ན་གཞོན་སུམ་ཅུ་ལྷག་ལྷན་དུ་སྡོད་དུ་བཅུག་ན་ཁོ་ཚོ་ལ་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཡོད།
འདི་ནི་བོད་མི་ཚོས་སྤྲུལ་སྐུ་ལ་བཟུང་བའི་འདུ་ཤེས་རེད།
སློབ་གསོ་ལ་བཟུང་བའི་རྣམ་འགྱུར་རེད།
ཕྱོགས་གཞན་ཞིག་གནས་གོ་བ་བླངས་ན་“སྤྲུལ་སྐུ་”འདིའི་རིགས་ནི་སུ་ཞིག་གི་ལག་མཐིལ་ན་ཡོད་པའི་“འགྱིག་ཐག”དང་གྲྭ་བ་ཡིན་ཟེར་བའི་གསར་བུ་མང་དག་ཅིག་གི་མི་བུའི་བསམ་བློ་དང་རང་དབང་སོགས་ལ་ཚོད་འཛིན་བྱེད་སྤྱད་ཀྱི་ལག་ཆ་རེད།
རྨོངས་དད་དང་མཁྲེགས་འཛིན།
བག་འཁུམས་སོགས་ཀྱི་སྔུན་ནས་“འཕག་འཚག་”བྱེད་མི་ཐུབ་པའི་རྒྱུ་རྐྱེན་རེད།
གཞན་བྱིས་པ་ཞིག་ལ་སྤྲུལ་སྐུ་ཡིན་ཞེས་གོས་ཀྱིས་བཏུམས་ནས་བཞག་ན།
བོད་མི་ཚོ་སོང་ནས་ཕྱག་འཚལ་རྒྱུ་དང་ཐོད་པ་གཏུགས་རྒྱུར་དགའ།
ཕྱག་འཚལ་དོན་དང་ཐོད་པ་གཏུགས་དོན་ཅི་ཟེར་ན། “ཚོགས་བསགས་”པ་རེད་དང༌།
“སྐྱེ་བ་ཕྱི་མ་ཕན་པ”རེད་ཟེར་བ་ལས།
ཕྱག་འཚལ་ན་ཚོགས་ཅི་ལྟར་གསོག་ཚུལ་དང་སྐྱེ་བ་ཕྱི་མ་ཅི་ལྟར་ཕན་ཚུལ་ཤོད་ཐུབ་མཁན་ཤིན་ཏུ་ཉུང་ལ།
ཕྱག་འཚལ་ཡུལ་“སྤྲུལ་སྐུ་”ལ་དོགས་སློང་གི་མིག་ཤེས་ཀྱི་བལྟ་ཐུབ་མཁན་དེ་ལས་ཉུང༌།(གོ་ཐོས་སུ་བོད་ནང་ན་དགེ་འདུན་ཆོས་འཕེལ་གྱི་སྤྲུལ་སྐུ་ཡིན་མཁན་བཅོ་བརྒྱད་ལྷག་འདུག་ཟེར།
དངོས་གནས་བདེན་པ་ཡིན་ན་དེའི་རིགས་ལ་“དག་སྣང་”སྦྱང་ཐུབ་པའི་བོད་མི་ཚོ་ནི་ཅི་འདྲའི་སྙིང་རྗེ་དགོས་པ་ཞིག་རེད་ཨང༌།)ཐུབ་་བསྟན་རིག་གནས་ཀྱི་གཞུང་ནའང་རྒྱུ་མེད་ན་འབྲས་བུ་མི་འབྱུང་ཞེས་དང༌།
ཁ་དཔེར་རྩྭ་མ་ཟོས་ན་ལྕི་བ་ཡོད་མི་སྲིད་པས་ང་ཚོས་ཅིའི་ཕྱིའི་བྱིས་པ་ཆུང་ཆུང་ཞིག་གི་སྔུན་ནས།
རང་ཉིད་ཀྱི་མི་བུའི་སྒལ་ཚིགས་དང་རྩིས་ཐང་དོར་ཏེ་འདར་སིག་སིག་གིས་ཕྱག་འཚལ་དགོས།
ཐོད་གཏུགས་དགོས།
གང་ལྟར་བྲན་བསྒྱུར་དང་གཉའ་གནོན། གྲལ་རིམ་དང་བཤུ་གཞོག་གི་རིག་གནས་ཀྱི་སེམས་ཁམས་འདི།
དུས་རབས་གསར་བའི་སྤྱི་ཚོགས་ཀྱིས་དངོས་གནས་དང་ལེན་བྱེད་དཀའ་བས།
ང་ཚོས་མི་བུ་རང་ཉིད་ཀྱི་ངོས་ནས་དང༌། གནས་ལུགས་ཀྱི་སྔུན་ནས།
ཡང་ན་སློབ་གྲྭ་ཆེན་མོ་བའི་བསམ་བློའི་ངོས་ནས་“ཡང་སྤྲུལ་ངོས་འཛིན་ལམ་ལུགས་ལ་”མཐའ་མཇུག་གི་ལག་བརྡ་མི་གཏོང་ག་མེད་རེད།
No comments:
Post a Comment